当前位置: 首页 > 教研活动 > 课程改革与提高教学质量方法

课程改革与提高教学质量方法

2018年11月02日 10:20:32 访问量:469 作者:网络转载-索南多杰

o    འཆད་ཁྲིད་བྱེད་མཁན། བསོད་ནམས་རྡོ་རྗེ། 

o   འཆད་ཁྲིད་ཀྱི་ནང་དོན། བསླབ་ཚན་བཅོས་བསྒྱུར་དང་སློབ་ཁྲིད་སྤུས་ཀ་མཐོར་འདེགས་གཏོང་བའི་ཐམས་ལམ་དང་འདུ་ཤེས་གླེང་བ།

o    ཟིན་འགོད་པ། ལྕགས་ཐར་བྱམས།

 དང་པོ།  བསླབ་ཚན་བཅོས་བསྒྱུར།

 བསླབ་ཚན་ཞེས་པ་ནིཅི་ཞིག་ཁྲིད་པདེ་ཡིན་ལ། དེས་ཇི་ལྟ་བུའི་མི་ཞིག་སྐྱེད་སྲིང་བྱེད་པ་ཐག་གཅོད་པ་དང་། སློབ་ཁྲིད་ཞེས་པ་ནིཇི་ལྟར་ཁྲིད་པདེ་ཡིན་ཞིང་། དེས་དམིགས་ཡུལ་གྱི་སྤུས་ཚད་ཐག་གཅོད་པ་ཡིན། བསླབ་ཚན་ཞེས་པར་གོ་བ་ལེན་སྟངས་མི་འདྲ་བ་མང་ནའང་། ཐོག་མའི་འབྱུང་ཁུངས་ནི་ལ་ཏིང་ཡི་གེ་སྟེ་རྒྱུག་ལམ་གྱི་དོན་ཡིན་པས། རི་མགོར་འགྲོ་བར་རི་མགོར་བགྲོད་པའི་རྒྱུག་ལམ་དུ་ཞུགས་པ་ལས། མཚོ་འགྲམ་དུ་བགྲོད་པའི་རྒྱུག་ལམ་ལ་ཞུགས་ན་དམིགས་ཡུལ་དུ་ཐོན་མི་ཐུབ་པ་བཞིན་ནོ། ། མདོར་ན། བསླབ་ཚན་ནི་སློབ་ཁྲིད་ཀྱི་འབྲས་བུ་ལེགས་མིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་གཙོ་བོ་ཞིག་ཡིན། 

 སློབ་ཁྲིད་ནི་དགེ་རྒན་གྱིས་སློབ་མར་ཤེས་བྱ་དང་ནུས་རྩལ་བརྒྱུད་སྤྲོད་བྱེད་པའི་བྱ་འགུལ་ལམ། དགེ་རྒན་གྱིས་སློབ་མའི་སློབ་སྦྱོང་ལ་མཛུབ་སྟོན་བྱེད་པ་དང་མཉམ་དུ་སློབ་མའི་བྱ་སྤྱོད་ལ་འགྱུར་བ་གཏོང་བའི་གོ་རིམ་ཞིག་ཡིན། ཡང་ན་དགེ་རྒན་གྱི་ཁྲིད་དང་སློབ་མའི་སློབ་གཉིས་ཀྱིས་གྲུབ་པའི་གཉིས་འཛོམས་བྱ་འགུལ་གྱི་གོ་རིམ་ཞིག་ཡིན། སློབ་ཁྲིད་ཀྱི་རྩ་བའི་རྒྱུ་བཞི་སྟེ། དགེ་རྒན་ནི་སློབ་ཁྲིད་གོ་རིམ་ཁྲོད་ཀྱི་ཇུས་འགོད་པ་ཡིན་ལ་སློབ་སྦྱོང་གི་གོ་རིམ་ཁྲོད་ཀྱི་སྣེ་སྟོན་པའང་ཡིན། སློབ་མ་ནི་སློབ་སྦྱོང་བྱ་བའི་ཁྲོད་ཀྱི་མི་སྣ་གཙོ་བོ་ཡིན། སློབ་ཁྲིད་བརྡ་འཕྲིན་ནི་སློབ་ཁྲིད་ཀྱི་ནང་དོན་དང་འབྲེལ་ཡོད་ཀྱི་རེ་འདུན་ཚུར་སྣང་བྱས་པ་ཞིག་ཡིན་ལ། སློབ་ཁྲིད་སྨྱན་བྱེད་ནི་སློབ་ཁྲིད་བརྡ་འཕྲིན་བརྒྱུད་སྤྲོད་བྱེད་སྤྱད་ཀྱི་དངོས་པོ་དང་སློབ་སྦྱོང་གི་ཡོ་ཆས་ཡིན། ཧིར་པར་ཐིའི་སློབ་ཁྲིད་ཀྱི་རིམ་པ་ལྔའི་ལྟ་བ་དང་། ཁེ་ལོ་ཧྥུའི་སློབ་ཁྲིད་ཀྱི་དུམ་ཚན་ལྔ། ཏུའུ་ཝེའི་སློབ་ཁྲིད་ཀྱི་གོམ་ལྔའི་ལྟ་བ་སོགས་མ་ལག་རང་བཞིན་གྱི་སློབ་ཁྲིད་སློབ་གསོའི་བྱེད་ཐབས་མང་བོ་ཡོད། 

 ཀྲུང་གོ་གསར་བ་བཙུགས་ཚུན་ནས་རང་རྒྱལ་གྱིས་སྔ་རྗེས་སུ་ཐེངས་བརྒྱད་ལ་བསླབ་ཚན་བཅོས་བསྒྱུར་བྱས་པ་སྟེ། སློབ་འབྲིང་ལ་བསླབ་ཚན་བཅུ་གསུམ་དང་སློབ་ཆུང་ལ་བསླབ་ཚན་བདུན་གཏན་འཁེལ་བྱས་པ་དང་། རྗེས་སུ་རྒྱལ་ཁབ་ཀྱིས་གཏན་ལ་ཕབ་པའི་བསླབ་ཚན་དང་། ས་གནས་རང་བཞིན་གྱི་བསླབ་ཚན། སློབ་གྲྭ་རང་བཞིན་དང་བྱ་འགུལ་རང་འགུལ་གྱི་བསླབ་ཚན་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་ཤིག་འཕྱུར། ཉིས་སྟོང་གཅིག་ནས་བཟུང་། རྨང་གཞི་སློབ་གསོའི་བསླབ་ཚན་བཅོས་བསྒྱུར་བྱས་པ་འདི་ལྟ་སྟེ། བསླབ་ཚན་གསར་བའི་བཅོས་བསྒྱུར་གྱི་དགོངས་དོན་དེ་སློབ་གསོའི་ལྟ་བའམ་སློབ་ཁྲིད་ཀྱི་འདུ་ཤེས་བཅོས་བསྒྱུར་དུ་བསྒྱུར་བ་དང་། བྱེ་བྲག་གི་དམིགས་འབེན་དང་ལས་འགན་དེ་དོན་དངོས་དང་མཐུན་ལ་ས་གནས་མི་འདྲ་བར་འཚམས་ཤིང་། སློབ་མའི་འཕེལ་རྒྱས་དང་འཕྲོད་པ། བསླབ་ཚན་གྲུབ་ཚུལ་གྱི་ཆ་སྙོམས་རང་བཞིན་དང་། སྣ་འཛོམས་རང་བཞིན། གདམ་གསེས་རང་བཞིན་མངོན་པར་བྱས་ཏེ། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་འཕྲོད་པར་བྱེད་པ། བསླབ་ཚན་ལག་ལེན་གྱི་ཁྲོད་བསླབ་དེབ་ལ་བསྟུན་དྲགས་པ་དང་། བློར་འཛིན་མཁྲེགས་སྦྱོང་སྟེ་འཕྲུལ་ཆས་རང་བཞིན་གྱི་སྦྱོང་བརྡར་ལ་བཅོས་བསྒྱུར་དང་། བསླབ་ཚན་གསར་བས་ཤེས་བྱ་དང་ནུས་རྩལ། གོ་རིམ་དང་བྱེད་ཐབས། བརྩེ་བ་དང་རིན་ཐང་ལྟ་བ་གཅིག་གྱུར་གྱིས། སྐུལ་འདེད་རང་བཞིན་དང་། འཕེལ་རྒྱས་རང་བཞིན་གྱི་དཔྱད་འཇོག་ལ་བརྟེན་ནས་སློབ་མའི་འཕེལ་རྒྱས་ལ་སྒུལ་ཤུགས་སྟེར་བ་སོགས་ཡིན། 

 གཉིས་པ། སློབ་ཁང་སློབ་ཁྲིད་ཀྱི་རྒྱུ་སྤུས་ཚད་མཇལ་བྱེད་ཐབས།

 སློབ་ཁྲིད་སྤུས་ཀ་མཐོར་འདེགས་གཏོང་བ་ནི་ཕར་བཏང་བའི་ཚད་དང་ཚུར་ཐོབ་པའི་ཚད་གཉིས་ཀྱི་སྡུར་བ་བརྒྱུད་དེ་སློབ་ཁྲིད་ཀྱི་ལས་ཕྱོད་ལ་གདེང་འཇོག་བྱེད་པ་སྟེ། སློབ་ཁྲིད་ཀྱི་ལས་ཕྱོད=སློབ་ཁྲིད་ཀྱི་ཐོབ་འབྲས÷སློབ་ཁྲིད་ཀྱི་ནུས་ཚད་ཟད་གྲོན×100%

 སློབ་ཁྲིད་ཀྱི་གྲུབ་འབྲས་བརྒྱུད་དེ་སློབ་ཁྲིད་ཀྱི་ལས་ཕྱོད་ལ་གདེང་འཇོག་བྱེད་པ་སྟེ།  སློབ་ཁྲིད་ཀྱི་ལས་ཕྱོད=སློབ་མ་རེ་རེ་ཚད་ལྡན་དུ་སླེབས་པའི་དོན་དངོས་ཀྱི་འབྲས་བུ÷སློབ་མ་ཡོངས་སླེབས་འོས་པའི་དམིགས་འབེན×100%

 དུས་ཚོད་བཀོལ་སྤྱོད་ཀྱི་གནས་ཚུལ་བརྒྱུད་དེ་སློབ་ཁྲིད་ཀྱི་ལས་ཕྱོད་ལ་གདེང་འཇོག་བྱེད་པ་སྟེ། སློབ་ཁྲིད་ཀྱི་ལས་ཕྱོད=ནུས་ལྡན་གྱི་སློབ་ཁྲིད་དུས་ཚོད÷དོན་དངོས་ཀྱི་སློབ་ཁྲིད་དུས་ཚོད×100% 

 གསུམ་པ།  མིག་སྔའི་སློབ་ཁྲིད་ཁྲོད་ཀྱི་གནད་དོན་དང་རྒྱུ་རྐྱེན།

 གནད་དོན། 

 མིག་སྔར་སློབ་ཁྲིད་མང་ཆེ་བར་སྡིགས་དམོད་དང་ཆད་པ་མང་བས་འཇིགས་སྐྲག་གིས་ཁེངས་པ་སྟེ། སྡིགས་མོ་དང་ཟུར་ཟ་ལྟ་བུའི་སྐད་ཆས་ཆད་པ་གཅོད་པ་དང་། ལུས་ཆད་གཅོད་པ། སྣང་མེད་དུ་འཇོག་པ་ལྟ་བུའི་རྣམ་འགྱུར་གྱིས་ཆད་པ་གཅོད་པ། ཡར་ལངས་སུ་འཇུག་པ་ལྟ་བུའི་སྤྱོད་པའི་ཆད་གཅོད་སོགས་ཡོད།

 སློབ་སྦྱོང་བྱེད་མཁན་ནི་གཞན་སྐུལ་གྱིས་བརྡ་འཕྲིན་དང་ལེན་བྱེད་མཁན་ཞིག་ཡིན་མི་འོས་པར། ཤེས་བྱ་འཐོབ་པའི་གོ་རིམ་ཁྲོད་ཀྱི་རང་འགུལ་གྱིས་ནང་དུ་ཞུགས་མཁན་ཞིག་ཡིན་དགོས། ཡིན་ནའང་། མིག་སྔར་གྱི་སློབ་ཁྲིད་ཁྲོད་དུ་སློབ་མའི་གཙོར་འདོན་གྱི་ནུས་པ་ཤོར་ཏེ། སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་མངོན་མི་ཐུབ་པ་རེད།

 དགེ་སློབ་ཀྱི་འབྲེལ་འདྲིས་ཞན་ཞིང་སློབ་ཁྲིད་ལ་གསོན་ཤུགས་མེད་པ་དང་། ཤེས་ཡོན་སློབ་གསོ་དང་ཁར་ཉན་པའི་སློབ་གསོ་ལ་ཤུགས་སྣོན་བྱས་དྲགས་ཏེ། གསར་སྐྲུན་གྱི་ནུས་པ་གསོ་སྐྱོང་བྱེད་མི་ཐུབ་པ། སློབ་ཁྲིད་ཀྱི་རྣམ་པ་བཀག་སྡོམ་ཅན་དང་སློབ་མ་འཕྲུལ་ཆས་ཅན།  སློབ་སྦྱོང་གཞན་སྐུལ་ལ་བརྟེན་པ། གཞན་ཚད་ཐིག་གཅིག་གིས་སློབ་མར་ཚད་འཇལ་བ་དང་། སློབ་མའི་སློབ་སྦྱོང་གི་རྣམ་འགྱུར་དང་རྒྱུགས་འབྲས་ཀྱི་བཟང་ངན། སྐར་གྲངས་ཀྱི་མཐོ་དམན་སོགས་ལ་དོ་སྣང་བྱེད་ཀྱང་། བསམ་པའི་འཚོ་བ་དང་ཀུན་སྤྱོད་ཀྱི་ཚད་གཞི། མི་གཞི་ཆ་ཚང་མིན་སོགས་ལ་དོ་སྣང་མི་བྱེད་པ་རེད། 

 རྒྱུ་རྐྱེན། 

 སློབ་གསོའི་ལྟ་བ་ཡང་དག་མིན་ཞིང་ཤེས་བྱའི་སྒྲིག་གཞི་ཆ་མི་ཚང་བ། སློབ་ཁྲིད་ཀྱི་བྱེད་ཐབས་ལ་གསར་གཏོད་རང་བཞིན་ཉུང་ལ་ཕྱིར་རྟོག་བྱེད་པའི་ནུས་པ་ཞན་པ། མཁོ་ངེས་ཀྱི་མི་གཞིའི་ནུས་པ་མེད་ཅིང་དཔྱད་འཇོག་བྱེད་སྟངས་ཚན་རིག་དང་མི་མཐུན་པ་སོགས་ནི་སློབ་ཁྲིད་ཀྱི་ལས་ཕྱོད་ལ་ཤུགས་རྐྱེན་ཐེབས་པའི་དགེ་རྒན་ཕྱོགས་ཀྱི་རྒྱུ་རྐྱེན་ཡིན། 

 སློབ་མའི་སློབ་སྦྱོང་གི་དམིགས་འབེན་མི་གསལ་ཞིང་བྱེད་ཐབས་ཡང་དག་མིན་པ། གནད་དོན་གྱི་འདུ་ཤེས་ཞན་ལ་སློབ་མ་རང་ཉིད་ཀྱི་བསམ་ཚུལ་དང་ལྟ་བ་བརྗོད་མི་ཐུབ་པ། སློབ་མའི་སྤྲོ་བ་ཞན་ཞིང་ཉམས་མྱོང་དབེན་པ་སོགས་ནི་སློབ་ཁྲིད་ཀྱི་ལས་ཕྱོད་ལ་ཤུགས་རྐྱེན་ཐེབས་པའི་སློབ་མའི་ཕྱོགས་ཀྱི་རྒྱུ་རྐྱེན་ཡིན། 

 སློབ་ཁྲིད་རྒྱུན་ལྡན་གྱི་ཞིབ་བཤེར་དེ་རྣམ་པ་ཙམ་དུ་གྱུར་བ་དང་། སློབ་ཁྲིད་དཔྱད་འཇོག་ལུགས་དང་མི་མཐུན་པ། དོ་དམ་གྱི་ལམ་ལུགས་ཚུལ་དང་མི་མཐུན་ཞིང་དམངས་གཙོ་མེད་པ་སོགས་ནི་སློབ་ཁྲིད་ཀྱི་ལས་ཕྱོད་ལ་ཤུགས་རྐྱེན་ཐེབས་པའི་སློབ་གྲྭའི་ཕྱོགས་ཀྱི་རྒྱུ་རྐྱེན་ཡིན།

 བཞི་བ།  སློབ་ཁྲིད་ཀྱི་ལས་ཕྱོད་ཇེ་མཐོར་གཏོང་བའི་ཐབས་ཇུས།

 མི་ཉིད་གཙོར་འཛིན་གྱིས་སློབ་ཁྲིད་ཀྱི་ལྟ་བ་གསར་འཛུགས་ཏེ། སློབ་མ་ནི་གསོན་ཤུགས་ཀྱིས་ཁེངས་པའི་ཚེ་སྲོག་གི་བདག་ཉིད་ཅན་ཡིན་པས་བརྩི་བཀུར་བྱེད་པ་དང་། འཇོན་ནུས་དང་སྤུས་ཚད་ཀྱི་ལྟ་བ་ཡང་དག་པ་ཆགས་པར་བྱེད་པ། ཡང་དག་པའི་བསླབ་ཚན་གྱི་ལྟ་བ་དང་བསླབ་དེབ་ཀྱི་ལྟ་བ་འཛུགས་པ། དགེ་རྒན་གྱི་བྱང་ཚད་མཐོར་འདེགས་ཀྱིས་སློབ་ཁྲིད་ཀྱི་ནུས་པ་ཆེར་སྐྱེད་པ། སློབ་མའི་ནུས་པར་རྒྱུས་ལོན་བྱེད་པ། གཞན་བསླབ་ཚན་ཚད་གཞི་དང་བསླབ་དེབ་ཀྱི་ནུས་པར་ཡང་དག་པས་དབྱེ་ཞིབ་དང་། ཡིད་འགུགས་ཤིང་ཐོགས་པ་མེད་པའི་སྐད་ཆ་བརྗོད་སྟངས་སློབ་པ། སློབ་ཁྲིད་བྱེད་ཐབས་འོས་འཚམས་ཀྱིས་སྤྱོད་པའི་ནུས་པ་དང་སློབ་ཁྲིད་རྩ་འཛུགས་བྱེད་པའི་དོ་དམ་གྱི་ནུས་པ་ལྡན་པ། སྐུལ་འདེད་རང་བཞིན་གྱི་དཔྱད་འཇོག་བྱེད་པའི་ནུས་པ་སྐྱེད་སྲིང་དང་སློབ་ཁྲིད་ཕྱིར་རྟོག་ལ་ཤུགས་སྣོན་གྱིས་སློབ་ཁྲིད་ཀྱི་སྤྱོད་པར་བཅོས་བསྒྱུར་བྱེད་པ། སློབ་མའི་སློབ་ཐབས་ལ་མཛུབ་སྟོན་གྱིས་སློབ་སྦྱོང་གི་བྱེད་ཐབས་གསར་བསྒྱུར་བྱེད་པ། སློབ་མའི་གསར་སྐྲུན་གྱི་ནུས་པ་དང་ལག་ལེན་གྱི་ནུས་པ་སྐྱེད་སྲིང་བྱེད་པ་སོགས་ནི་སློབ་ཁྲིད་ཀྱི་ལས་ཕྱོད་ཇེ་མཐོར་གཏོང་བའི་ཐབས་ཇུས་ཡིན་ནོ། །

 ལྔ་བ།  སྡོམ་ཆུང་དང་ཕྱིར་རྟོག

 སློབ་ཁྲིད་སྤུས་ཀ་མཐོར་འདེགས་གཏོང་བ་ནི་ནུས་མེད་དང་ལྡོག་ནུས་ཅན་གྱི་སློབ་ཁྲིད་དུས་ཚོད་ཇེ་ཉུང་དང་། ཕན་ནུས་ལྡན་པའི་སློབ་ཁྲིད་ཀྱི་དུས་ཚོད་ཇེ་མང་དུ་བཏང་སྟེ། སློབ་མ་མང་བོར་དོན་དངོས་ཀྱི་ཕན་ནུས་འཐོབ་པར་ཁག་ཐེག་བྱེད་པའི་སློབ་ཁྲིད་ཅིག་ཡིན། སློབ་ཁྲིད་སྤུས་ཀ་མཐོར་འདེགས་གཏོང་བའི་ངོ་བོ་ནི་སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་འདོད་ཅིང་། སློབ་སྦྱོང་བྱེད་ཤེས་པ་དང་མཉམ་དུ་རང་སྦྱོང་གི་ནུས་པ་དང་རང་ཉིད་འཕེལ་རྒྱས་ཀྱི་ནུས་པ་མཐོར་འདེགས་བྱས་ཏེ། སློབ་མའི་མི་ཚེ་གང་བོའི་བདེ་སྐྱིད་ལ་རྨང་གཞི་གཏོང་རྒྱུ་དེ་ཡིན། 

 དགེ་རྒན་ལ་མཚོན་ན། བསླབ་ཚན་བཅོས་བསྒྱུར་ནི་ཐོག་མར་སྔ་ཡོད་ཀྱི་ལྟ་བ་བཅོས་བསྒྱུར་གྱི་ཆ་རྐྱེན་འོག་སློབ་སྦྱོང་དང་དངོས་ཡོད་གནས་ཚུལ་ལ་མཐུན་པར་བྱེད་པའི་གོ་རིམ་ཞིག་དང་། དེ་རྗེས་ཉམས་མྱོང་རྨང་གཞི་བྱེད་པའི་ལག་ལེན་གྱི་གོ་རིམ་ཞིག་ཡིན་ནོ། ། 

 བསླབ་ཚན་བཅོས་བསྒྱུར་གྱི་ལག་ལེན་ཁྲོད་དུ་སློབ་ཁྲིད་བྱེད་ཐབས་ནི་རྟ་མོག་མོག་གི་སྤུ་བཞིན་གྲངས་མེད་མོད། སློབ་མར་ཕན་ཐོགས་ཡོད་མེད་གཉིས་ཀའང་ཡོང་སྲིད་ཀི་རེད། དེ་བས་སློབ་ཁྲིད་ཀྱི་རྒྱུ་སྤུར་མཐོར་འདེགས་བྱེད་ཐབས་ལ་མདོར་བསྡུས་ན་སློབ་མར་ཕན་པའི་ཀུན་སློང་གཞི་བཅོས་ཏེ་ཁྲིད་གཞི་ལ་ཞིབ་འཇུག་དང་སློབ་མར་ཞིབ་འཇུག ཁྲིད་ཐབས་ལ་ཞིབ་འཇུག་བཅའ་རྒྱུ་ནི་གལ་འགངས་ཆེ་བར་བསམ། བསླབ་ཚན་བཅོས་བསྒྱུར་གྱིས་རེ་བ་ལྟར་ན་སློབ་མ་སློབ་ཁྲིད་ཀྱི་དཀྱིལ་སྙིང་དུ་བཟུང་ནས་སློབ་མའི་སློབ་སྦྱོང་གི་ནུས་ཤུགས་བསྔོག་འདོན་དང་སྐུལ་འདེད་བྱེད་པ་དེའོ།།

 

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县和日镇学区 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087 泽库县和日镇学区 版权所有
联系地址:青海省黄南州泽库县和日镇寄宿制中心完小
北京网笑信息技术有限公司 仅提供技术支持 违法和不良信息举报中心