当前位置: 首页 > 校园新闻 > 关于我校数学教研组举办知识竞赛的通知

关于我校数学教研组举办知识竞赛的通知

2018年03月30日 10:39:44 访问量:354 作者:意中

རང་སློབ་གྲྭའི་རྩིས་རིག་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་བྱས་པའི་

ཤེས་བྱ་འགྲན་བསྡུར་གྱི་བརྡ་སྦྱོར།


ཚན་ཁག་སོ་སོ་དང་འབྲེལ་ཡོད་འཛིན་གྲྭ་དག་ལ།

སློབ་ཆུང་སློབ་མའི་སློབ་སྦྱོང་དང་རྩིས་རིག་ཤེས་བྱར་སྤྲོ་སྣང་བསྐྱེད་པའི་ཆེད་དུ།སློབ་མ་རྣམས་ལ་རིམ་གྱིས་ལག་ལེན་ནམ་གསར་གཏོད་བྱེད་ཕོད་པའི་གཤིས་རྒྱུད་བཟང་པོ་དང་། སློབ་མའི་རྩིས་རིག་གི་བྱང་ཚད་དང་བསམ་གཞིགས་ཀྱི་ནུས་པ་སྐྱེད་སྲིང་བྱེད་པར་ངེད་རྩིས་རིག་སློབ་དཔྱོད་ཁང་གིས་2018ལོའི་ཟླ3པའི་ཚེས30ཉིན་གྱི་ཕྱི་དྲོར་རྩིས་རིག་གི་ཤེས་བྱ་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་རྒྱུའི་གྲོས་ཐག་བཅད་པས་བརྡ་སྦྱོར་གཤམ་དུ་བཀོད་ཡོད།

 གཅིག    འགྲན་ཞུགས་མི་སྣ།

ལོ་རིམ་བཞི་བ་ནས་དྲུག་པའི་འཛིན་གྲྭ་རེར་སློབ་མ3 བདམས་ཏེ་འགྲན་བསྡུར་ནང་ཞུགས་དགོས། ( སློབ་སྐབས་སྔོན་མའི་མཇུག་རྒྱུགས་ཀྱི་རྒྱུགས་འབྲས་ཨང་རིམ་ལྟར། འཛིན་གྲྭ་སོ་སོའི་ཨང 5 པ་དང་15 བ།  25 པ་བཅས་བདམས་ནས་འགྲན་བསྡུར་ལ་ཞུགས་སུ་འཇུག་དགོས། གལ་ཏེ་གནང་ཞུ་སློབ་མ་དང་སློབ་ཞོལ་སློབ་མ་ཡོད་ཚེ། དེའི་རྗེས་ཀྱི་སློབ་མའི་ཚབ་བྱས་ཆོག དེ་ལྟར་རིགས་འདེད་བྱ་དགོས།. བརྒྱུད་རིམ་འདིའི་ཁྲོད་བདམས་ཐོན་པ་སོ་སོའི་གཞན་མིང་རང་ལ་མི་བརྫུ་། གལ་ཏེ་གནད་དོན་བྱུང་ཚེ། འཛིན་གྲྭ་དེའི་འགྲན་ཞུགས་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུ། )

གཉིས།  འགྲན་བསྡུར་གྱི་དུས་ཚོད་དང་ས་གནས།

       1 . འགྲན་སྡུར་གྱི་དུས་ཚོད།     2018ལོའི་ཟླ་3པའི་ཚེས30ཉིན།  གཟའ་པ་སངས་ཀྱི་ཕྱི་དྲོ།

       2 . འགྲན་བསྡུར་བྱེད་ས།         སློབ་མའི་ཇ་ཁང་།

ལྔ།  འགྲན་བསྡུར་གྱི་རྣམ་པ།

        ལོ་རིམ་བཞི་བ་ནས་དྲུག་པའི་འབྲི་རྒྱུགས་དང་རྩོད་ལན་འདེབས་པ།

དྲུག   འགྲན་བསྡུར་གྱི་སྒྲིག་སྲོལ།

ཡིག་རྒྱུགས་ཀྱི་རྒྱུགས་འབྲས་ཏེ། ཁྱོན་བསྡོམས་པའི་རྩིས་གཞི་གཉིས་རེ་ཡོད ནང་དོན་ནི་ཡིག་ཐོག་གི་ཤེས་བྱ་ཡིན། ཁ་བྱང་གི་རེ་བ་ལྟར་དྲིས་ལན་བཏབ་ཆོག སྤྱིའི་སྐར་གྲངས་ནི་སྐར་མ་10ཡིན།

བདུན།   བྱ་དགའི་རྣམ་གྲངས།

      མི་སྒེར་གྱི་བྱ་དགའ་ནི་འཛིན་གྲྭ་སོ་སོའི་འགྲན་ཞུགས་པའི་ཁྲོད་རང་ཉིད་ཀྱི་རྒྱུགས་འབྲས་ཨང་རིམ་འདྲ་བའི་ནང་གྲུབ་འབྲས་ཆེས་མཐོ་བ་དེ་འདེམས་རྒྱུ། དཔེར་ན། ལོ་རིམ་བཞི་པའི་འཛིན་གྲྭ་གསུམ་པོའི་རྒྱུགས་འབྲས་ཁྲོད་ཨང་རིམ་འདྲ་བའི་ནང་ སྤྱིའི་གྲུབ་འབྲས་ཆེས་མཐོ་བར་བྱ་དགའ་ཐོབ་ཐུབ།     དེ་ལྟར་རིགས་འདེད་བྱ་རྒྱུ།

ཐུན་མོང་བྱ་དགའ ལོ་རིམ་ཁག་གི་ཁྲོད་ནས་སྤྱིའི་གྲུབ་འབྲས་ཆེས་མཐོ་བའི་འཛིན་གྲྭ་འདེམས་རྒྱུ།) མ་ཟད་འཛིན་གྲྭ་དེར་གཟེངས་བསྟོད་བྱ་དགའ་སྟེར་རྒྱུ།

བརྒྱད།   མི་སྣའི་བཀོད་སྒྲིག་གཤམ་ལྟར

གྲ་སྒྲིག་ནི་ཉིན་གུང་གི་དུས་ཚོད། 14 30 ནས 15:00  བར་ཡིན།འཛིན་གྲྭ་སོ་སོའི་འཛིན་བདག་དང་ཡུལ་དངོས་བཀོད་སྒྲིག་མི་སྣ་འགན་འཁུར་ཏེ་སློབ་མ་ཇ་ཁང་གི་གཉིས་ཐོག་ལ་ཁྲིད་དགོས། )

    1 . མདོ་འཛིན་པ།    དགེ་རྒན་རྣམ་རྒྱལ་ཚེ་རིང་།  སློབ་མ་ཚེ་བརྟན་རྒྱལ་དང་བསོད་ནམས་མཚོ།

    2 . སྒྲ་སྒམ་དོ་དམ་མི་སྣ།  ཆོས་དབྱངས་རྡོ་རྗེ།     བསོད་ནམས་རྡོ་རྗེ་།

    3 . ལོ་རིམ་བཞི་བ་ནས་དྲུག་པའི་འདྲི་གཞི་སྟེར་མཁན།  གཡུ་སྒྲོན།  སྙིང་མོ་རྒྱལ།   ཟླ་བ་ཚེ་རིང་།

    4. སྐར་འགོད་མི་སྣ།   དཔའ་མཁར་རྒྱལ། ཀླུ་མོ།  གནམ་མཚོ། དབང་མོ་མཚོ།

    5 . ཤན་འབྱེད་མི་སྣ།   མ་ཅིག་སྐྱབས།   བསོད་ནམས་ཚེ་རིང་། སྒྲོལ་མ་སྐྱབས།

    6 . ཡུལ་དངོས་བཀོད་སྒྲིག་དང་འགན་འཁུར་མི་སྣ། ཚེ་རིང་དབང་རྒྱལ།  གུ་རུ་སྐྱབས།  བསོད་ནམས་བཀྲ་ཤིས།

    7 . འཛིན་བདག་གིས་རང་འཛིན་གྲྭའི་སློབ་མའི་བདེ་འཇགས་ལ་འགན་འཁུར་རྒྱུབྱ་འགུལ་འདིར་བཀོད་སྒྲིག་བྱས་མེད་པའི་དགེ་རྒན་དག་གིས་འཛིན་བདག་ལ་གཞོགས་འདེགས་བྱས་ནས་སློབ་མའི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་ཐེངས་འདིའི་འགྲན་བསྡུར་བྱ་འགུལ་ཁྲོད་ཁ་རྩོད་རྒྱག་པ་དང་འུར་རྒྱག་པ་སོགས་ཀྱི་བྱ་སྤྱོད་བཀག་འགོག་དགོས།ལོ་རིམ་དང་པོ་ནས་གསུམ་པའི་འཛིན་བདག་རྣམས་ཀྱིས་རང་རང་གི་འཛིན་གྲའི་སློབ་ཁང་ནང་དུ་སློབ་མའི་བདེ་འཇགས་ལ་དོ་དམ་བྱེད་པ་དང་བསྐྱར་སྦྱོང་བྱེད་དུ་འཇུག་དགོས། གཅིག་གཉིས་འཛིན་གྲྭ་དེ་འཛིན་བདག་གཞོན་པ་དབང་ལྡན་གྱིས་འགན་ཁུར་དགོས།

དགུ    དོ་སྣང་བྱེད་དགོས་པའི་དོན་ཚན།

      1 . འཛིན་གྲྭ་སོ་སོའི་འཛིན་བདག་གིས་འགྲན་ཞུགས་སློབ་མའི་མིང་ཐོ་འགོད་དགོས།

      2 . དྲི་གཞི་རྩིས་རིག་སློབ་དཔྱོད་ཁང་གིས་འདོན་སྤྲོད་བྱེད་དགོས་པར་མ་ཟད། དྲིས་ལན་ཚད་ལྡན་བཟོ་དགོས།

      3 . འགྲན་བསྡུར་བྱེད་སྐབས་འཛིན་བདག་རྣམས་ཀྱིས་རང་རང་གི་འཛིན་གྲྭའི་སྒྲིག་ལམ་ལ་དོ་སྣང་བྱེད་དགོས།

      4.   ཐེངས་འདིའི་ཤེས་བྱའི་འགྲན་བསྡུར་གྱི་མགོ་མཇུག་བར་གསུམ་རྩིས་རིག་སློབ་དཔྱོད་ཁང་ལ་དབང་བ་ཡིན།

  

རྩིས་རིག་སློབ་དཔྱོད་ཁང་། 

2018ལོའི་ཟླ3པའི་ཚེས29ཉིན།

 

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县和日镇学区 特此声明。
泽库县和日镇学区 版权所有
联系地址:青海省黄南州泽库县和日镇寄宿制中心完小
北京网笑科技有限公司 仅提供技术支持 违法和不良信息举报中心